Mountain
A: Hello Ramon, how’s how are you, long time no see.
A: བཀྲ་ཤིས་བདེ་ལེགས་ Ramon ལགས། མ་མཇལ་ཡུན་རིང་། སྐུ་གཟུགས་བདེ་པོ་ཡིན་པས།
B: Hello Tsunma Wangmo-la and Cecile-la, good health to you both.
B: བཀྲ་ཤིས་བདེ་ལེགས་བཙུན་མ་དབང་མོ་ལགས་དང་ Cecile ལགས། ཁྱེད་རང་གཉིས་སྐུ་ཁམས་བཟང་།
A: How was your weekend?
A: ཁྱེད་རང་གི་གཟའ་འཇུག་གང་དྲས་བྱུང་།
A: Yesterday, despite the weather was bad I went hiking. Despite living near the sea, I do like mountain hiking. If I were able to drive it would take me 2 hours. Therefore I always go by bus. By bus it takes around 4 hours. But it’s fine.
A: ཁེ་ས་གནམ་གཤིས་ཡག་པོ་མེད་ན་ཡང་ང་རི་འཛེག་གར་ཕྱིན་པ་ཡིན། ང་མཚོ་ཁའི་འགྲམ་ལ་བསྡད་ཀྱི་ཡོད་རུང་རི་འཛེག་ལ་དགའ་པོ་ཡོད། གལ་སྲིད་ངས་མོ་ཊ་བཏང་ཐུབ་ཀྱི་ཡོད་པ་ཡིན་ན་ངས་རི་ལ་ཆུ་ཚོད་ཉིས་རིང་ནང་བསླེབས་པ་ཡོད། བྱས་ཙང་ག་དུས་ཡིན་ནའི་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་དགོས་ཀྱི་འདུག སྤྱི་སྤྱོད་རླང་ཁོར་ནས་ཆུ་ཚོད་བཞི་ཙམ་འགོར་ཀྱི་རེད། ཡིན་ནའི་འདི་འགྲིག་གི་འདུག
A: What clothes did you wear?
A: ཁྱེད་རང་གིས་དུག་སློག་ག་རེད་གྱོན་པ་ཡིན།
B: Since it was raining I put on rain clothes. During rain time it’s fine to wear synthetic clothes.
B: ཆར་པ་འབབས་ཙང་ངས་ཆར་གོས་གྱོན་པ་ཡིན། ཆར་དུས་འགྱིག་གི་གོས་སློག་གྱོན་ཆོག་གི་རེད།
B: But if one climbs a mountain by foot and wears cheap synthetic clothes, he/she will smell because of sweating (smelly: འཛོར་མོ།). Therefore synthetic clothes must be of good quality. So unless one doesn’t want to make new friends the clothes must be of good quality. Because people don’t like bad smell, right?
B: གོམ་པ་རྒྱག་ནས་རི་འཛེགས་ལ་འགྲོ་སྐབས་ལ་གོང་ཁེ་པོའི་འགྱིག་གི་དུག་སློག་གྱོན་ན། རྔུལ་ཆུ་རྐྱེན་པས་དྲི་མ་འཛོར་མོ་ཁ་གི་རེད། བྱས་ཙང་གྲོགས་པོ་གསར་པ་བཟོ་འདོད་མེད་ན་མ་གཏོགས་འགྱིག་གི་སྡུག་ལོག་སྤུས་དག་པོ་གྱོན་དགོས། གང་ཡིན་ཟེར་ན་མི་དྲི་མ་འཛོར་མོ་ལ་དགའ་པོ་ཡོད་མ་རེད་པ།
B: On the other hand, If I will buy more plastic I will harm the environment.
B: ཕྱོགས་གཞན་ཞིག་ནས་གལ་སྲིད་འགྱིག་གྱི་ཅ་ལག་མང་བ་ཉོ་གི་ཡིན་ན་ཁོར་ཡུག་ལ་གནོད་ཀྱི་རེད་པ།
B: If I’m wearing Merino wool, even though the material is of good quality, since it comes from animals, I would stop (མཚམས་བཞག) wearing it.
B: གལ་སྲིད་ངས་ Merino བལ་གྱི་བཟོས་རིགས་གྱོན་ན། དེའི་རྒྱུ་ཆ་སྤུས་དག་པོ་ཡོད་ནའང་དེ་སེམས་ཅན་ནས་བྱུང་བ་ཡིན་ཙང་གྱོན་ཡག་མཚམས་བཞག་གི་ཡིན།
B: Also, about mountain clothes: despite not needing them, some people wear them at the city. Because in their opinion they think they are fancy.
B: མ་ཟད་གངས་རིའི་དུག་སློག་ནི། མི་ལ་དུག་སློག་དེ་དགོས་ཀྱི་མེད་ན་ཡང་མི་ཁ་ཤས་གྲོང་ཁྱེར་ལ་ད་དུང་དུག་སློག་དེ་གྱོན་གི་ཡོད་རེད། གང་ཡིན་ཟེར་ན་ཁོང་ཚོས་བསམ་ཚུལ་ལ་དུག་སློག་དེ་དབྱིང་ཚ་པོ་མཐོང་གི་ཡོད་རེད།
Warm Clothes
A: Do you prefer thick clothes or light (སྲབ་པོ།) clothes?
A: ཁྱེད་རང་གོས་མཐུག་པོ་ཡང་ན་སྲབ་པོ་གང་གི་ལ་གདམ་གྱི་ཡོད།
B: I like thick and warm clothes but since I live in a hot country, unless the day it’s cold I cannot wear them. Some years ago I could wear woollen clothes because the weather was colder. If I dressed in wool now people would laugh at seeing me.
B: ང་གོས་སློག་མཐུག་པོ་དང་དྲོན་པོ་གཉིས་ཀ་ལ་དགའ་པོ་ཡོད། ཡིན་ནའི་ངའི་བསྡད་སའི་ལུང་པའི་གནམ་གཤིས་ཚ་པོ་ཡིན་ཙང་གནམ་གཤིས་གྲང་མོ་ཡོད་ན་མགཏོགས་གྱོན་ཐུབ་ཀྱི་མ་རེད། ལོ་ཁ་ཤས་ཀྱི་སྔོན་ལ་ངས་བལ་གྱི་གོས་སློག་གྱོན་ཐུབ་ཀྱི་ཡོད། གང་ཡིན་ཟེར་ན་གནམ་གཤིས་གྲང་བ་ཡོད་རེད། གལ་སྲིད་ད་ལྟ་ངས་བལ་ཀྱི་གོས་སློག་གྱོན་པ་ཡིན་ན་མི་གཞན་དྲག་གི་ང་མཐོང་ནས་གད་མོ་ཤོར་པ་ཡོད།
A: You are right. The world is warming up everywhere, right?
A: འདི་བདེན་པ་རེད། འཛམ་གླིང་གི་ས་ཆ་ག་ས་ག་ལ་ཚ་བ་ཆེ་རུ་འགྲོ་ཡི་འདུག་ག
B: Yes. Since we are damaging the environment the weather has become dangerous. In India people wear long sleeve despite being so hot. I think maybe they protect their skin from the sun heat. In my country I saw people with rain umbrellas despite having good weather too.
B: ལགས་འདུག ང་ཚོས་འཁོར་ཡུག་གཏོར་བཤིག་བཏང་གི་ཡོད་ཙང་གནམ་གཤིས་ཀྱང་ཞེད་སྣང་ཚ་པོ་ཆགས་ཡོད་རེད། རྒྱ་གར་ནང་གནམ་གཤིས་ཚ་པོ་ཡོད་ནའང་མི་རྣམས་སྟོད་ཐུང་ཕུ་ཐུང་རིང་པོ་གྱོན་གྱི་ཡོད་རེད། ངའི་བསམ་ཚུལ་ལ་ཁོང་ཚོས་རང་གིས་པགས་པ་ཉི་མའི་དྲོད་ལས་སྲུང་སྐྱོབ་བྱེད་འདོད་ཡོད་རེད། ངའི་ལུང་པ་ལ་གནམ་གཤིས་ཡག་པོ་ཡོད་ནའང་ཆར་གདུགས་འཁྱེར་ནས་འགྲོ་མཁན་གྱི་མི་ཡང་མཐོང་སོང་།
A: Oh that in Tibetan is not called ཆར་གདུགས། it’s called ཉི་གདུགས།
A: ཨོ། བོད་སྐད་ལ་ཆར་གདུགས་ལབ་ཀྱི་མ་རེད། ཉི་གདུགས་ལབ་ཀྱི་རེད།
Dress Codes
A: How much time do you spend choosing clothes?
A: ཁྱེད་རང་དུག་སློག་གདམས་ཡག་ལ་དུས་ཚོད་ག་ཚོ་བཏང་ཀྱི་ཡོད།
B: Not much. If I knew how to choose fancy clothes and colors I wouldn’t dress so simple (དཀྱུས་མ།). If I will get more time in the future I might spend more time on searching clothes.
B: ཞེ་དྲག་མ་རེད། ངས་དུག་སློག་དང་ཚོན་མདོག་གདམ་ཤེས་ཀྱི་ཡོད་ན་ངས་གོས་སློག་དཀྱུས་མ་གྱོན་གྱི་མ་རེད། མ་འོངས་པ་ང་ལ་དུས་ཚོད་མང་པོ་རག་གི་ཡིན་ན་དུག་སློག་འཚོལ་ཡག་ལ་དུས་ཚོད་མང་པོ་བཏང་གི་ཡིན།
A: And what is your favourite material?
A: ཨ་ནི་ཁྱེད་རང་གི་རྒྱུ་ཆ་དགའ་ཤོས་ག་རེ་རེད།
B: Since I like soft clothes I usually wear silk. A silk shirt looks good because it doesn’t look rough. But cotton is very convenient too. And since now I don’t have a job buying cotton is better (since it’s cheaper).
B: ང་གོས་སློག་འཇམ་པོ་རིགས་ལ་དགའ་པོ་ཡོད་ཙང་ངས་ནམ་རྒྱུན་དར་གོས་རིགས་གྱོན་གྱི་ཡོད། དར་གོས་གི་སྟོད་ཐུང་ཡག་པོ་ཡོད་རེད་ད། གང་ཡིན་ཟེར་ན་དེ་རྩུབ་པོ་ཡོད་མ་རེད། ཡིན་ནའི་སྤྲིན་བལ་ཡང་སྟབས་བདེ་པོ་ཡོད་རེད། ད་དེང་སང་ང་ལ་ལས་ཀ་མེད་ཙང་སྤྲིན་བལ་གི་དུག་སློག་ཉོ་ན་ཡག་ག་འདུག གང་ཡིན་ཟེར་ན་གོང་ཁེ་བ་ཡོད་རེད།
A: And what’s your opinion on uniforms at school?
A: ཨ་ནི་ཁྱེད་རང་ལ་སློབ་གྲྭའི་སྒྲིག་ཆས་ཀྱི་སྐོར་ལ་བསམ་ཚུལ་ག་རེ་ཡོད།
B: In my opinion, despite not having the experience of wearing a uniform, at schools, since all students wear the same, they will not be jealous of each others clothes. But if everyone wears the same clothing it also makes difficult to find your friend during school breaks (བར་གསེང་།)!
B: ངའི་བྱས་ན། ང་སློབ་གྲྭ་ལ་སྒྲིག་ཆས་གྱོན་མྱོང་མེད་ན་ཡང་། སློབ་གྲྭ་ལ་སློབ་ཕྲུག་ཚང་མ་སྒྲིག་ཆས་གཅིག་པ་གྱོན་དུས་ཕན་ཚུན་གོས་སློག་གི་སྒང་ནས་ཕྲག་དོག་ཟ་གི་མ་རེད། ཡིན་ནའི་སློབ་ཕྲུག་ཚང་མས་སྒྲིག་ཆས་གཅིག་པ་གྱོན་ན་སློབ་གྲྭའི་བར་གསེང་སྐབས་སོ་སོའི་གྲོགས་པི་ངོ་ཤེས་ཡག་ལ་དཀའ་ལས་ཁག་པོ་ཆགས་ས་རེད།
Only Tibetan