Montserrat

 རྡོ་ཁྱེད་མཚར་ཡོད་པའི་རི་རྒྱུད་དེ་ཡི་ཤུ་བ་ལ་གནས་རྩ་ཆེན་པོ་གཅིག་རེད།  ཡིན་ནའི་ཡི་ཤུ་གནས་ཆགས་པའི་སྔོན་ལ་སྒོམ་རྒྱག་མཁན་གི་གཟིམ་ཁང་ཁ་ཤས་བཞེངས་ཚར་ཡོད་རེད། བྱེད་སྒོ་འདྲ་མི་སྣ་ཚོགས་བྱེད་ཡག་མང་པོ་ཡོད་རེད། པེར་ན་ཁྱེད་རང་རི་འཛེག་མཁན་ཡིན་ན་རྡོ་དེ་ཚོ་ལག་པའི་འཛིན་ཡག་ལ་དཀའ་ལས་ཁག་པོ་མི་འདུག ཡིན་ནའི་རི་འཛེགཤེས་མཁན་ཡིན་ན་མ་གཏོགས་འཛེག་ཡག་ཐབས་ཤེས་བྱེད་རྒྱུ་ཡོད་ས་མ་རེད། ཡི་ཤུ་དགོམ་པ་དེའི་གཡས་གཡོན་ལ་རི་མང་པོ་ཡོད་རེད། སྙིང་རྗེ་བ་ལ། དགོང་པ་དེ་ག་རེ་བྱས་ནས་བཞེངས་ཡིན་ན། ཞིང་པའི་ཕྲུ་གུ་རི་ལ་འཁྱམ་འཁྱམ་ལ་ཕྱིན་ནས་ Virgin Mary ནག་པོ་སྐུ་འདྲ་མཐོང་པ་རེད། ཊ་ཪ་ཡང་ན་གྲོལ་མ་ནང་བཞིན་ Virgin Mary ནག་པོ་དེ་རེད། ཕྲུ་གུ་དེ་ཚོ་་བཀྱག་ཐུབ་ཡོད་མ་རེད། དེའི་དོན་དག་ག་རེ་རེད་ཟེར་ན། མོ་རང་གིས་དེ་ལ་བཞུག་འདོད་བྱུང་བ་རེད་ཟེ་ལབ་ཀྱི་ཡོད་རེད། དགོན་པ་དེའི་ནང་ལ་ཡུ་རོབ་གྱི་པྲུ་གུ་གཞས་གཏོང་མཁན་གྱི་ཚོགས་པ་རྙིང་ཤོས་དེ་ནས་བྱུང་ཡོད་རེད་ཟ། དུས་རབས་བཅུ་བཞི་པ་ལ་འགོ་བཚུགས་ཡོད་རེད་བསམ་ཀྱི་འདུག སྤུ་གུའི་བསྡོད་ས་དགོན་པའི་འཁྲིས་ལ་ཡོད་རེད། ཁོ་ཚོ་ཕ་མ་མཉམ་དུ་བསྡད་གི་མེད་ཙང་ངས་ནང་པའི་གྲྭ་པ་ཆུང་ཆུང་དྲན་བྱུང་། གནས་མཇལ་འགྲོ་མཁན་དང་རི་འཛེག་མཁན་དེ་ལ་འགྲོ་བ་མ་ཟད། འཛམ་གླིང་འདི་ལ་མ་བསྡད་མཁན་གྱི་སྐོར་ལ་ཉམས་ཞིབ་པ་ཡང་གཟའ་ཕུར་བུ་ལྟག་པར་མཚན་མོའི་སྐབས་ལ་ཐུག་ཀྱི་ཡོད་རེད། དེ་མ་ཟད། ངའི་མི་དགའ་བའི་མི་གཅིག་ཡང་ཡོང་བ་རེད། ཁོང་ཎ་ཛི་དམག་མི་རེད། ཁོང་ཡི་ཤུ་ཡི་དཀར་ཡོལ་རྩ་ཆེན་པོ་བཙལ་གིན་བཙལ་གིན་ཡོང་བ་རེད། ས་ཆ་རྩ་ཆེན་པོ་དེ་ལ་སེམས་ཏིང་ནས་བརྩེ་བ་ཡོད། བརྩེ་བའི་གྲྭ་པ་དེ་ཚོས་ཐེངས་གསུམ་ང་ལ་དགོང་པའི་ནང་ལ་ཚམས་ཤག་གཅིག་གཡར་བྱུང་། དེ་ནས་ཁྱེད་རང་ང་ནང་བཞིན་འགྲོ་འདོད་ཡོད་ན། ཡུལ་སྐོར་བ་འགྲོ་མི་ཆོག་པའོ་སྒོམ་རྒྱག་ས་ལ་བསྡད་ཐུབ་གི་རེད། དེ་ལ་ལྡུམ་རྭ་ཧ་ལས་པའི་སྙིང་རྗེ་པོ་ཡོད་རེད། ཨ་ནི་གྲྭ་པའི་མཉམ་དུ་ཁ་ལག་ཟ་ཆོག་གི་རེད། སྨོན་ལམ་ལ་སོགས་པ་ཡང་རྒྱག་ཆོག་གི་རེད། ཡུལ་སྐོར་བ་མེད་དུས་ ས་ཆ་འདི་དཔེ་ཁུ་སིམ་པོ་ཡོད་རེད།

Camino de Santiago

ལྟོ་ཕད་ཆེན་པོ་གཅིག་འཁྱེར་ནས་གོམ་པ་རྒྱག་མཁན་དེ་ཚོ་མཉམ་དུ་མཉམ་ཞུགས་བྱེད་ན་བྱེད་སྒོ་དེ་དྲན་པ་བརྗེད་ཡག་དཀའ་ལས་ཁག་པོ་ཡོད་རེད། ལམ་ཀ་ལ་གོམ་པ་རྒྱག་དུས་གྲོགས་པོ་གསར་པ་བཟོ་པའི་དེ་ཚོ་དམིགས་བསལ་རེད། ཁང་ཡིན་ཟེར་ན་ལམ་ཀ་འགྲོ་ས་དེ་མི་ཚང་མ་ལ་གཅིག་པ་རེད། དེ་ནས་གོམ་པ་རྒྱག་མཁན་མང་ཆེ་བ་ས་ཆ་གཅིག་ལ་ཉལ་ཀྱི་ཡོད་རེད། ཡི་ཤུ་བའི་གནས་མཇལ་ཡིན་ནའང་དད་པ་མེད་མཁན་ཡང་ན་ཆོས་ལུགས་གཞན་གྱི་མི་ཡང་ཡོང་སྲི་གྱི་རེད། གནས་མཇལ་འདི་ལ་རྟགས་གཅིག་ཡོད་རེད། རྟགས་འདི་མཚོའི་འོག་ལ་ཡོད་པའི་སེམས་ཆེན་གྱི་རུས་ཁོག་གཅིག་རེད། སི་པན་སྐད་ལ་ Concha ལབ་གི་རེད། ཁྱེད་རང་ལམ་ཀ་ནོར་ན་ Concha བཙལ་དགོས་རེད། ཡི་ཤུ་ལྷ་ཁང་གཅིག་སླེབས་ན་ཚར་རེད། གོམ་པ་མང་པོ་རྒྱག་ནས་མི་གཞན་དག་གི་རྐང་པའི་དྲི་མ་ཁ་དུས་མཚན་གང་ཉོབ་སྲིད་གྱི་རེད།

Fatima

ཡི་ཤུ་འི་ཨ་མ་ལགས་་ཡི་ཤུ་ཡི་ཆོས་ལ་དཔེརྩ་ཆེན་པོ་རེད། ས་ཆ་དེ་ལ་ཞིང་པའི་སྤུ་གུ་ཡིས་ Virgin Mary མཐོང་ས་དེ་རེད། ཕྱག་འཚལ་ཡག་ནང་བཞིན་པུས་མོའི་ཐོག་ནས་དད་པ་ཆེན་པོ་ཡོད་མཁན་མི་མང་པོ་གོམ་པ་རྒྱག་ས་ལ་མཐོང་ཡག་ཡོད་རེད། གཙུག་ལག་ཁང་དེ་ཁང་པ་གཞན་དག་ལས་རིང་བ་ཡོད་རེད། ཨ་ནི་ཁང་པའི་སྒང་ལ་བྱང་ཆུབ་སེམས་དཔའ་གི་སྐུ་འདྲ་མང་པོ་ཡོད་རེད།

Covadonga

བྲག་ཕུག་ནང་ལ་གནས་འདི་ཡོད་རེད། གནས་མཇལ་ས་གུ་དོག་པོ་དང་ཆུང་ཆུང་ཡོད་ནའང་སྐད་དྲག་ཆེན་པོ་ཡོད་རེད། དེ་ལ་དམག་མི་གཅིག་ Virgin Mary ་ལ་སྨོན་ལམ་རྒྱག་ནས་དེ་ནས་དམག་དེ་ཐོབ་པ་རེད། ངའི་བྱས་ན་གནས་འདི་མཇལ་མཁན་དེ་ཚོ་སྨན་ལམ་རྒྱག་ཡག་དེ་གལ་ཆེ་ཤོས་རེད་ཟེ་ལབ་གྱི་ཡོད་ས་རེད།  པར་གཅིག་གི་ནང་ལ་ཡོད་པའི་དུག་སློག་ནག་པོ་གྱོན་མཁན་རྣམས་ཡི་ཤུ་བཙུན་མ་རེད།

Lourdes

གནས་འདི་རྒྱལ་པོའི་བཞུགས་ས་འདྲ་པོ་མཐོང་གི་འདུག མཚམས་མཚམས་ལ་མཆོད་མེ་མཁྱེར་མཁན་མང་པོ་འཛོམས་ཀྱི་ཡོད་རེད། ལག་པས་བྲག་ཕུག་གི་རྡོ་དེ་ལ་འཆང་ན་བྱིན་རླབས་ཆེན་པོ་ཐོབ་ཀྱི་རེད། མཆོད་མེ་འཕུལ་ས་རྟོག་ཚམ་སྙོབ་ཡག་དཀའ་ལས་ཁག་པོ་ཡོད་ཙང་ཁྱེད་རང་གི་བསོད་ནམ་གསག་པའི་ཆེ་དུ་རོགས་པ་བྱེད་མཁན་གཅིག་ཡོད་རེད།