ངའི་ཤག་ལ་ཅ་ལག་མང་པོ་ཡོད་མ་རེད།
ཅ་ལག་ཉུང་ཉུང་ཡོད་རེད།
དཔེར་ན། ཉལ་ཁྲི་གཅིག་དང་ཅོག་ཙེ་གཉིས་དང། རྐུབ་བཀྱག་གཅིག་དང་ས་གདན་གཅིག་ཡོད་རེད།
ཨ་ནི། པར་གཉིས་ཀྱང་ཡོད་རེད།
ངའི་ཤག་ལ་རླུང་འཁོར་ཡོད་མ་རེད།
ཅོག་ཙེ་ཆུང་ཆུང་གི་སྒང་ལ་བཞུ་མར་གཅིག་ཡོད་རེད།
ཅོག་ཙེ་ཆེན་པོའི་སྒང་ལ་དེབ་གསུམ་ཡོད་རེད།
སྒེའུ་ཁུང་གི་འོག་ལ་ཉལ་ཁྲི་ཡོད་རེད།
ཉལ་ཁྲུའི་སྒང་ལ་སྔས་མགོ་དང་ཉལ་ཆས་གཅིག་ཡོད་རེད།
ངའི་ཤག་གསང་སྤྱོད་ཀྱི་འཁྲིས་ལ་ཡོད་རེད།
ངའི་ཤག་ཆེན་པོ་ཡོད་མ་རེད། ཨ་ནི། ཆུང་ཆུང་ཡང་ཡོད་མ་རེད། དག་དག་ཡོད་རེད།
I don’t have much stuff in my room.
There are a few things.
For example: One bed and two tables, one chair and one rug.
And there are also two pictures.
My room does not have a fan.
There is a lamp on the small table.
There are three books on the table.
There is a bed under the window.
There is a pillow and a blanket on the bed.
My room is next to the toilet.
I don’t have a big room. It’s not small either. It’s just right.