The girl who is singing a song…;གཞས་གཏོང་མཁན་གྱི་བུ་མོ་་་
The child who is talking to me…;ང་དང་མཉམ་དུ་སྐད་ཆ་བཤད་གྱི་ཕྲུ་གུ་་་
The lama who goes to Tibet… (H);བོད་ལ་ཕེབས་མཁན་གྱི་བླ་མ་་་་
The relative who lives in India… (H);རྒྱ་གར་དུ་བཞུགས་མཁན་གྱི་སྤུན་མཆེད་་་་
Are there any direct buses to Tibet? (lit. Are there buses which go directly to Tibet?) ཤར་ཀྱག་བོད་ལ་འགྲོ་མཁན་གྱི་སྤྱི་སྤྱོད་རླངས་འཁོར་འདུག་གས།
Who is that girl who spoke with you yesterday?;ཁ་སང་ཁྱེད་རང་མཉམ་དུ་སྐད་ཆ་བཤད་མཁན་གྱི་བུ་མོ་དེ་སུ་རེད།
I forgot the name of the teacher who taught (me) in the past. (H);སྔོན་མ་ང་ལ་སློབ་སྦྱོང་སློབ་མཁན་གྱི་རྒན་ལགས་དེའི་མཚན་བརྗེད་སོང་།
Those westerners who used to study at our monastery last year are now (back) in their own countries.;ན་ནིང་ང་ཚོའི་དགོན་པ་ལ་སློབ་སྦྱོང་བྱེད་མཁན་གྱི་དབྱིན་ཟི་དེ་ཚོ་ད་ལྟ་སོ་སོའི་ལུང་པ་ལ་ཡོད་རེད།
The grandmother who went to hospital a few days ago has now recovered. (H);ཁ་སིང་སྨན་ཁང་ལ་ཕེབས་པའི་རྨོ་རྨོ་ལགས་ད་ལྟ་དྲག་བཞག
The young girl who worked in our house last year is studying in India these days.;ན་ནིང་ང་ཚོའི་ནང་ལ་ལས་ཀ་བྱེད་མཁན་གྱི་བུ་མོ་བཞོན་བཞོན་དེ་དེང་སང་རྒྱ་གར་ལ་སློབ་སྦྱོང་བྱེད་ཀྱི་འདུག
Who is the lady who sang yesterday?;ཁ་སང་གཞས་གཏོང་མཁན་བུ་མོ་དེ་སུ་རེད།
Who is the daughter of the woman / man who sang yesterday?;ཁ་སང་གཞས་གཏོང་མཁན་དེའི་བུ་མོ་དེ་སུ་རེད།
The friend who went to Lhasa yesterday is sick. (H);ཁེ་ས་ལྷ་ས་ལ་ཕེབས་པའི་རོགས་པ་སྙུང་གི་འདུག
The friend who stayed… The friend who went… The grandmother who fell… (H) the cat which / who died…;བསྡད་པའི་རོགས་པ་་་ ཕྱིན་པའི་གྲོགས་མོ་་་ རིལ་པའི་རྨོ་རྨོ་ལགས་་་ ཤི་བའི་ཞི་མི་་་
The friend who stayed in my house last year is a really good person.;ན་ནིང་ངའི་ནང་ལ་བསྡད་པའི་རོགས་པ་དེ་མི་ཡག་པོ་ཞེ་དྲགས་རེད།
The grandmother who fell on the street broke (her) leg. (H);ལམ་ཀ་ལ་རིལ་པའི་རྨོ་རྨོ་ལགས་དེ་རྐང་པ་ཆག་སོང་།
The friend who came with us on the picnic the other day has three children.;ཁེ་སང་ང་ཚོའི་མཉམ་དུ་གླིང་ག་གཏོང་གར་སླེབས་པའི་གྲོགས་མོ་དེ་ལ་ཕྲུ་གུ་གསུམ་ཡོད་རེད།
The book, which (somebody) bought yesterday is interesting.;ཁ་སང་ཉོས་པའི་དེབ་དེ་སྙན་པོ་འདུག
The chupa, which I brought yesterday, is from Tibet.;ཁེ་ས་ངས་ཉོས་པའི་ཕྱུ་པ་དེ་བོད་ནས་རེད།
The momos (which) you made… The song (which) she sang… The poem (which) Tashi wrote… The gift (which) I got…;ཁྱེད་རང་གིས་བཟོས་པའི་མོག་མོག་དེ་ཚོ་་་ ཁོང་གིས་བཏང་པའི་གཞས་་་ བཀྲ་ཤིས་ཀྱིས་བྲིས་པའི་སྙན་ངག་་་ ང་ལ་རག་པའི་རྔན་པ་་་་
Where is the notebook that you bought yesterday?;ཁེ་ས་ཁྱེད་རང་གིས་ཉོས་པའི་འབྲི་དེབ་ག་པར་ཡོད་རེད།
I forgot all the meaning of the words that I learnt in the past.;སྣོན་མ་ངས་སྦྱོངས་པའི་ཚིག་དོན་ཚང་མ་དྲན་པ་བརྗེད་སོང་།
The monk whom I met on the street a while ago is Tashi’s older brother. (H).;ངས་ད་གིན་ལམ་ཀ་ལ་མཇལ་བའི་གྲྭ་པ་དེ་བཀྲ་ཤིས་ཀྱི་ཅོ་ལགས་རེད།
The advice you gave me yesterday was beneficial. (H);ཁེ་ས་ཁྱེད་རང་གིས་གནང་བའི་བསླབ་བྱ་དེ་ཕན་ཐོགས་ཆེན་པོ་བྱུང་།
The new watch that my friend got, broke.;ངའི་གྲོགས་མོ་ལ་རག་པའི་ཆུ་ཚོད་གསར་པ་དེ་སྐྱོན་ཤོར་སོང་།
Your coming yesterday was very good. (H) or It was very good (the fact) that you came here yesterday (H) or (The fact) that you came here yesterday was very good. (H);ཁེ་ས་ཁྱེད་རང་འདིར་ཕེབས་པ་དེ་ཡག་པོ་བྱུང་།
I didn’t know (of the fact) that Tashi is Tibetan.;བཀྲ་ཤིས་བོད་པ་ཡིན་པ་དེ་ངས་ཧ་གོ་མ་སོང་།
I wasn’t told that Dolma has three children. (H);སྒྲོལ་མ་ལ་ཕྲུ་གུ་གསུམ་ཡོད་པ་དེ་ང་ལ་གསུངས་མ་བྱུང་།
I didn’t think that there would be any momos in this restaurant.;ཟ་ཁང་འདིར་མོག་མོག་མེད་པ་དེ་ངས་བསམ་མ་བྱུང་།
It’s gret that Tenzin is going to India. (H);བསྟན་འཛིན་རྒྱ་གར་ལ་ཕེབས་ཡག་ཡིན་པ་དེ་ཡག་པོ་ཞེ་དྲགས་འདུག
It’s not good that I need to go to town tonight.;དོ་དགོང་ང་རྒྱལ་ས་ལ་འགྲོ་དགོས་ཡིན་པ་དེ་ཡག་པོ་མི་འདུག
I didn’t know until today that Dolkar is staying in retreat. (H);སྒྲོལ་དཀར་དེང་སང་མཚམས་ལ་བཞུགས་ཀྱི་ཡོད་པ་དེ་ངས་དེ་རིང་བར་དུ་ཧ་གོ་མ་བྱུང་།
I thank you for having made food for me.;ཁྱེད་རང་གིས་ངའི་ཆེད་དུ་ཁ་ལག་ བཟོས་ཡོད་པར་ / བཟོས་པར་ ཐུགས་རྗེ་ཆེ་ཟེ་ཞུ་གི་ཡིན།
I was disappointed that you couldn’t come to my wedding. (H);ཁྱེད་རང་ངའི་ཆང་ས་ལ་ཕེབས་མ་ཐུབ་པ་དེ་ལ་བློ་ཕམ་བྱུང་།
I have brought a chupa to wear at losar (but I didn’t buy a blouse);ངས་སོ་གསར་ལ་གྱོན་ཡག་གི་ཕྱུ་པ་ཉོས་པ་ཡིན།
Don’t loose the books that you have to bring to school tomorrow.;སང་ཉིན་འཛིན་གྲྭ་ལ་འཁྱེར་ཡག་གི་དེབ་དེ་ཚོ་མ་བརླག་པར་བྱེད་ཨ།
The lesson we are studying these days is not easy.;དེང་སང་སློབ་སྦྱོང་བྱེད་ཡག་གི་སློབ་ཚན་འདི་ལས་སླ་པོ་མི་འདུག
Who is the girl who gave the milk to the cat.;ཞི་མི་ལ་འོ་མ་སྤྲད་མཁན་གྱི་བུ་མོ་དེ་སུ་རེད།
The milk, that I gave to the cat, I bought it from the market.;ངས་ཞི་མི་ལ་སྤྲད་པའི་འོ་མ་དེ་ཁྲོམ་ནས་ཉོས་པ་ཡིན།
The milk, which I’ll give to the cat, is not expensive.;ངས་ཞི་མི་ལ་སྤྲད་ཡག་གི་འོ་མ་དེ་གོང་ཆེན་པོ་མི་འདུག
I gave milk to the cat whose name is Dzomkyi.;ངས་འོ་མ་སྤྲད་སའི་ཞི་མིའི་མིང་འཛོམས་སྐྱིད་རེད།
The girl who I like is not a teacher.;ང་དགའ་པོ་བྱེད་སའི་བུ་མོ་འདི་དགེ་རྒན་མ་རེད།
The food was delicious at the restaurant where I went yesterday.;ཁེ་སང་འགྲོ་སའི་ཟ་ཁང་གི་ཁ་ལག་ཞིམ་པོ་ཞེ་དྲགས་བྱུང་།
Who is the beautiful girl you gave the flower to?;ཁྱེད་རང་གིས་མེ་ཏོག་སྤྲད་སའི་བུ་མོ་མཛེས་མ་དེ་སུ་རེད།
The lama whom Lobsang asked a question is holy. (H) (h);བློ་བཟང་གིས་བཀའ་འདྲི་ཞུ་སའི་བླ་མ་དེ་རྩ་ཆེན་པོ་རེད།
The momos, which he made, were tasty.;ཁོང་གིས་བཟོས་པའི་མོག་མོག་དེ་ཚོ་ཞིམ་པོ་བྱུང་སོང་།
The momos, which he will make, will probably be tasty.;ཁོང་གིས་བཟོ་ཡག་གི་མོད་མོག་དེ་ཚོ་ཞིམ་པོ་ཡོང་གི་ཡིན་ས་རེད།
The book which I am reading is very interesting.;ངས་ལྟ་བཞིན་པའི་དེབ་འདི་སྙན་པོ་ཞེ་དྲགས་འདུག
The stupa which they are in the process of building is high. (H);ཁོང་ཚོས་བཞེངས་བཞིན་པའི་མཆོད་རྟེན་འདི་མཐོ་པོ་འདུག