It must be more pleasant to go for a walk than to work.;འཁྱམ་འཁྱམ་ལ་འགྲོ་ཡག་དེ་ལས་ཀ་བྱེད་ཡག་ལས་སྐྱིད་པ་ཡོད་ས་རེད།
I have an interesting book to read.; ང་ལ་དེབ་སྙན་པོ་ཅིག་ཀློག་ཡག་ཡོད།
There are many monasteries to be visited in Nepal. (H); བལ་ཡུལ་ལ་དགོན་པ་མཇལ་ཡག་མང་པོ་ཡོད་རེད།
He said he had a question to ask (H) (h); ཁོང་ལ་བཀའ་འདྲི་ཞུ་ཡག་ཅིག་ཡོད་ཟེ་ལབ་སོང་།
Where did you put the clothes (which are) to be washed?; དུག་སློག་འཁྲུ་ཡག་དེ་ཚོ་ག་པར་བཞག་པ་ཡིན།
Don’t you have (any) money to lend (me)?; ཁྱེད་རང་ལ་དངུལ་གཡར་ཡག་མེད་པས།
Where are the veggies which are to be put into the thenthuk?;འཐེན་ཐུག་ནང་ལ་ཚལ་བླུག་ཡག་དེ་ཚོ་ག་པར་ཡོད་རེད།
It’s not allowed for you to swim here.;ཁྱེད་རང་དི་ལ་རྐྱལ་རྒྱག་ཆོག་གི་མ་རེད།
He tries to write in literary Tibetan.;ཁོང་བོད་ཡིག་གི་ཐོག་ནས་ཡི་གེ་འབྲི་ཡག་ཐབས་ཤེས་བྱེད་ཀྱི་ཡོད་རེད།
I remembered to call (our) teacher. (H) (h);ང་རྒན་ལགས་ལ་ཞལ་པར་འཕུལ་ཡག་དྲན་སོང་།
Oh! I have forgotten to bring the exercise book to scool.;ཨོ། སྦྱོང་དེབ་སློབ་གྲྭ་ལ་འཁྱེར་ཡག་དྲན་པ་བརྗེད་བཞག
If you ask me, one should not study on Sundays.;ངས་བྱས་ན་གཟའ་ཉི་མ་ལ་སློབ་སྦྱོང་བྱེད་ རྒྱུ་/ཡག་ ཡོད་མ་རེད།
I am also going to the Dharma teaching (using མཁན་);ང་ཡང་གསུང་ཆོས་ལ་འགྲོ་མཁན་ཡིན།
Is anyone here? (lit. is there somebody who is staying) Please open the door! (H);བཞུགས་མཁན་འདུག་གས། སྐུ་མཁེན། སྒོ་ཕྱེ་གནང་རོགས་གནང་།
Most Hindus are vegetarians (using མཁན་);ཧིན་རྡུ་མང་ཆེ་བ་ཤ་མ་ཟ་མཁན་རེད།
Who knows English in this class? (using མཁན་);འཛིན་གྲྭའི་འདིའི་ནང་ལ་དབྱིན་ཇིའི་སྐད་ཤེས་མཁན་སུ་སུ་ཡོད།
If someone will but (it), I’ll sell my motorbike.;སྦག་སྦག་ཉོ་མཁན་ཡོད་ན་ངའི་སྦག་སྦག་བཙོང་གི་ཡིན།
Who asks (the) most questions in class?;འཛིན་གྲྭའི་ནང་ལ་དྲི་བ་མང་ཤོས་དྲི་མཁན་སུ་རེད།
Because sentient beings do not know what to adopt and what to abandon, they wander in samsara.;སེམས་ཅན་བླང་དོར་མ་ཤེས་མཁན་ཡིན་ཙང་འཁོར་བ་ལ་འཁྱམ་གྱི་ཡོད་རེད།
There is probably nobody who does not want to go on pilgrimage.;གནས་མཇལ་ལ་འགྲོ་འདོད་མེད་མཁན་ཡོད་ས་མ་རེད།
I met a few (people) who were unable to climb the mountain.;རི་འཛེག་མ་ཐུབ་མཁན་ཁ་ཤས་ཐུག་སོང་།
Who doesn’t have a car?;མོ་ཊ་མེད་མཁན་སུ་སུ་རེད།
In my room, I have a good place to put my pechas and pictures.;ངའི་ཁང་པའི་ནང་ལ་དཔེ་ཆ་དང་སྐུ་པར་བཞག་ས་ཡག་པོ་ཅིག་ཡོད།
I can’t write (because there’s no place to write it to).;འབྲི་ས་མི་འདུག
Lobsang went to the tea shop (lit. the place where tea is drank).;བློ་བཟང་ཇ་འཐུང་ས་ལ་ཕྱིན་སོང་།
Since many guests arrived, there was not enough space in which to sleep.;མགྲོན་པོ་མང་པོ་སླེབས་ཙང་ཉལ་ས་འདང་མ་སོང་།
Is there a way to go from here?;འདི་ནས་འགྲོ་ས་འདུག་གས།
Where do you ive? (lit. Where is the place where you stay?);ཁྱེད་རང་གི་སྡོད་ས་ག་པར་ཡོད་རེད།
There is no phone stop near my house.;ངའི་ནང་གི་འཁྲིས་ལ་ཁ་པར་གཏོང་ས་མི་འདུག
Wow! There are so many people at the party! Now there’s no room for dancing.;ཨ་མ་མ། ཐུགས་སྤྲོ་ལ་མི་དཔེ་མང་པོ་འདུག བྱས་ཙང་ཞབས་བྲོ་འཁྲབ་ས་མི་འདུག
In Tibetan, a cup or bowl is called a “place in which to pour tea”.;ཇ་བླུག་ས་ལ་བོད་སྐད་ལ་དཀར་ཡོལ་ཡང་ན་ཕོར་པ་ལབ་ཀྱི་ཡོད་རེད།
It’s great that you came here today (H)! or Your coming here today is great!;ཁྱེད་རང་དེ་རིང་འདིར་ཕེབས་པ་དེ་དཔེ་ཡག་པོ་འདུག
I was very happy about the fact that my friend won this game.;ངའི་རོགས་པ་ལ་རྩེད་མོ་འདི་ཐོབ་པར་ང་དགའ་པོ་བྱུང་།
(Your) teacher will be disappointed that you didn’t do your homework. (H);ཁྱེད་རང་གིས་རང་སྦྱོང་ མ་བྱས་པ་ / བྱས་མེད་པ་ དེ་ལ་རྒན་ལགས་བློ་ཕམ་གྱི་རེད།
I was sad that my best friend was unable to come to my birtday (party) (H).;ངའི་གྲོགས་མོ་ཡག་ཤོས་དེ་ངའི་སྐྱེས་སྐར་ལ་ཕེབས་མ་ཐུབ་པ་དེ་ལ་ང་སེམས་སྐྱོ་བྱུང་།