This girl is very clever. (ཞེ་དྲགས་);བུ་མོ་འདི་རིག་པ་སྤྱང་པོ་ཞེ་དྲགས་འདུག
He is not very busy. (ཞེ་དྲགས་);ཁོང་བྲེལ་བ་ཚ་པོ་ཞེ་དྲགས་མི་འདུག
This lama is not very famous. (ཞེ་དྲགས་);བླ་མ་འདི་སྐད་གྲགས་ཆེན་པོ་ཞེ་དྲག་མི་འདུག
I’m not very scared of dogs, just a bit. (ཞེ་དྲགས་);ང་ཁྱི་ལ་ཞེ་དྲགས་ཞེད་ཀྱི་མི་འདུག ཏོག་ཙམ་ཞེད་ཀྱི་འདུག
He has an outstandingly impressive house. (ཞེ་པོ་གཅིག་);ཁོང་ལ་ཁང་པ་རྫོག་པོ་ཞེ་པོ་གཅིག་ཡདོ་རེད།
It is of the utmost importance to be kind-hearted.་(ཧ་ཅང་(གིས་));སེམས་པ་བཟང་པོ་བྱེད་ཡག་འདི་ཧ་ཅང་(གིས་)གལ་ཆེན་པོ་རེད།
There are very few Muslims in Tibet. (ཧ་ཅང་(གིས་));བོད་ལ་ཁ་ཆེ་ཧ་ཅང་(གིས་)ཉུང་ཉུང་ཡོད་རེད།
This is an extremely sad situation. (ཧ་ཅང་(གིས་));གནས་ཚུལ་འདི་ཧ་ཅང་(གིས་)སྐྱོ་པོ་ཞིག་རེད།
This pecha is incredibly precious. (ཧ་ལས་ཡག་);དཔེ་ཆ་འདི་ཧང་སང་ཡག་རྩ་ཆེན་པོ་ཅིག་རེད།
Yesteday’s party was sooooo much fun! (ཧ་ལས་ཡག་);ཁེ་ས་ཐུགས་སྤྲོ་དེ་ཧ་ལས་ཡག་སྐྱིད་པོ་བྱུང་སོང་།
An amazing number of people were at the Kalachakra initiation. (ཧང་སང་ཡག);དུས་འཁོར་དབང་ཆེན་གྱི་སྐབས་ལ་མི་ཧང་སང་ཡག་མང་པོ་འདུག
Oh my god! Yesterday’s lesson was such a headache! I got utterly confused. (དཔེ་མི་སྲིད་པའི་);ཨ་མ་མ།་ཁེ་ས་ཡི་སློབ་ཚན་དེ་དཔེ་མི་སྲིད་པའི་ཁག་པོ་འདུག་ག ང་རྦད་དེ་མགོ་འཐོམ་སོང་།
Oh my dear! You are so so so incredibly kind! (དཔེ་མི་སྲིད་པའི་);ཨ་མ་མ། ཁྱེད་རང་དཔེ་མི་སྲིད་པའི་སེམས་པ་བཟང་པོ་འདུག
Oh my Goodness! The momos you made are just absolute delicious!;ཨ་མ་མ། ཁྱེད་རང་གིས་བཟོས་པའི་མོག་མོག་དེ་ཚོ་དཔེ་མི་སྲིད་པའི་ཞིམ་པོ་འདུག
The food at this restaurant is quite nice.;ཟ་ཁང་འདི་ལ་ཁ་ལག་ཞིམ་སའི་འདུག
His grandmother is quite old. (H);ཁོང་གི་རྨོ་ལགས་དགུང་ལོ་ཆེ་སའི་ཡོད་རེད།
The place where he lives is quite small.;ཁོང་བཞུགས་སའི་ཁང་པ་ཆུང་སའི་ཡོད་རེད།
The noodle soup which you made is extremely tasty! (ཐག་ཆོད་);ཁྱེད་རང་གིས་བཟོས་པའི་འཐེན་ཐུག་འདི་ཞིམ་ཐག་ཆོད་འདུག
Have an excellent rest today! (H) (ཐག་ཆོད་);དེ་རིང་ཁྱེད་རང་ངལ་གསོ་ཡག་ཐག་ཆོད་ཅིག་རྒྱག་རོགས་གནང་།
If we go for a picnic together, it will definetely be fun! (ཐག་ཆོད་);ང་ཚོ་མཉམ་དུ་གླིང་ག་གཏོང་གར་འགྲོ་ན་སྐྱིད་ཐག་ཆོད་ཡོང་གི་རེད།
Please trust him! He has a completely pure (lit. white) heart! (H) (རྐྱང་);ཁྱེད་རང་ཁོང་ལ་ཡིད་ཆེས་བྱེད་རོགས་གནང་། སེམས་པ་དཀར་པོ་དཀར་རྐྱང་རེད།
One has to speak completely pure Tibetan! Don’t mix languages! (རྐྱང་);བོད་སྐད་གཙང་མ་གཙང་རྐྱང་བཤད་དགོས་རེད། ར་མ་ལུག་མ་རྒྱག་རོགས།
Because this vegetables are completely fresh, I will buy them. (རྐྱང་);ཚལ་འདི་སོས་པ་སོས་རྐྱང་ཡོད་ཙང་ང་ཉོ་གི་ཡིན།
She reads pechas all the time. / She reads nothing but pechas. / She does nothing but read pechas.(རྐྱང་);ཁོང་དེང་སང་དཔེ་ཆ་རྐྱང་རྐྱང་ལྟ་གི་འདུག
If I get a chance, I will just go to Tibet. (རྐྱང་);གོ་སྐབས་རག་ན་ང་བོད་ལ་འགྲོ་རྐྱང་བྱེད་ཀྱི་ཡིན།
Don’t hesitate to give your opinion! (རྐྱང་);ཁྱེད་ཀྱི་བསམ་ཚུལ་ལབ་རྐྱང་བྱེད་ཨ།
Helm yourself! Don’t be shy! Please just take some food! (རྐྱང་);ཞལ་ལག་མཆོད་རྐྱང་གནང་རོགས་གནང་།
Oh my goodness! This lesson is a real headache! (ཡོས་);ཨ་མ་མ། སློབ་ཚན་འདི་ཡོས་རྙོག་དྲ་ཚ་པོ་འདུག
If a lot of people come, there won’t be enough seats.;མི་མང་པོ་སླེབས་ན་བསྡད་ས་ཉིང་དྲགས་ཀྱི་རེད།l
This thing is too expensive.;ཅ་ལག་འདི་གོང་ཆེ་དྲགས་(ཀྱི་)འདུག
Last night, I studied too much.;ཁེ་ས་དགོང་དག་སློབ་སྦྱོང་བྱེད་ཡག་མང་དྲགས་སོང་།
Since these trousers were too short, I didn’t buy them.;གོས་ཐུང་འདི་ཐུང་དྲགས་ཡོད་ཙང་ཉོས་མེད།
I ate too much.;ངས་ཁ་ལག་མང་དྲགས་ཡག་བཟས་པ་ཡིན། or ང་ཁ་ལག་ཟ་ཡག་མང་དྲགས་སོང་།
Don’t drink too much chang, please! It is harmful for your health!;ཆང་མང་དྲགས་ཡག་མ་འཐུང་རོགས། འཕྲོད་བསྟེན་ལ་གནོད་ཀྱི་རེད།
How many people were at the teaching yesterday? Very many!;མདང་གསུང་ཆོས་ལ་མི་མང་ལོད་འདུག མི་མང་ཐག་ཆོད་འདུག
How difficult is the lesson you’re studying these days? It’s a bit difficult.;དེང་སང་སྦྱོང་བཞིན་པའི་སློབ་ཚན་འདི་དཀའ་ལས་ཁག་ལོད་འདུག ཨོ་ཙམ་འདུག
How good is this car?;མོ་ཊ་འདི་ཡག་ལོད་གང་འདྲས་འདུག
The lesson we are learning at the moment is not so difficult.;ད་ལྟ་སྦྱོང་བཞིན་པའི་སློབ་ཚན་འདི་དཀའ་ལས་ཁག་པོ་རང་མི་འདུག
The song she sang wasn’t really taht pleasant to hear.;ཁོང་གིས་བཏང་པའི་གཞས་སྙན་པོ་རང་མ་བྱུང་།
Even though Nyima doesn’t have very much money, she still gives alms.;ཉི་མ་ལ་དངུལ་མང་པོ་རང་མེད་ན་ཡང་ད་དུང་སྦྱིན་པ་གཏོང་གི་འདུག
The clothes you bought are not particularly beautiful.;ཁྱེད་རང་གིས་ཉོས་པའི་དུག་སློག་དེ་ཚོ་སྙིང་རྗེ་པོ་སེ་མི་འདུག
The movie I watched yesterday was not so good.;ཁེ་ས་ངས་བལྟས་པའི་གློག་བརྙན་ཡག་པོ་སེ་མ་བྱུང་།
The chang I drank a while ago was not particularly strong.;ད་གིན་ངས་འཐུང་པའི་ཆང་དེ་གར་པོ་སེ་མ་བྱུང་།
He is very Tibetan (or He is a real Tibetan);ཁོང་བོད་པ་རང་རེད།
I’m coming right away;ང་ད་ལྟ་རང་ཡོང་གི་ཡིན།
It is best if you yourself go to the embassy (H);ཁྱེད་རང་རང་གཞུང་ཚབ་ཁང་ལ་ཕེབས་ན་ཡག་ཤོས་རེད།
This year there weren’t that many troubles in Nepal.;ད་ལོ་བལ་ཡུལ་ལ་རྙོག་དྲ་སེ་བྱུང་མ་སོང་།
There were no big issues at the border.;ས་མཚམས་ལ་དཀའ་ངལ་སེ་འཕྲད་མ་བྱུང་།
Please drive the ar a bit faster! (H);མོ་ཊ་མགྱོགས་ཙམ་གཏོང་རོགས་གནང་།
If you give (me) the apples a bit cheaper, I’ll buy (some). (H);ཀུ་ཤུ་དེ་ཚོ་གོང་ཁེ་ཙམ་གནང་ན་ང་ཉོ་གི་ཡིན།
If you add a little less sugar, it will be tastier.;བྱེ་མ་ཀ་ར་ཉུང་ཙམ་བླུག་ན་ཞིམ་པ་ཡོང་གི་རེད།
He is a lama in name only.;ཁོང་བླ་མ་མིང་ཙམ་རེད།
“What is called ""mind only"" is a Buddhist philosophical tenet.”;སེམས་ཙམ་པ་ཟེར་ཡག་དེ་ནང་ཆོས་ཀྱི་གྲུབ་མཐའ་གཅིག་རེད།
Are you fine? I am not too bad.;ཁྱེད་རང་བདེ་པོ་ཡིན་པས། བདེ་པོ་ཨོ་ཙམ་ཡིན།
Did the cat eat all the food? No, she didn’t eat it all. She (only) had a bit.;ཞི་མིས་ཁ་ལག་ཚང་མ་བཟས་སོང་ངས། ཚང་མ་བཟོས་མ་སོང་། ཏོག་ཙམ་བཟས་སོང་།
By only seeing Dolma-la once, Lobsang fell completely in love with her.;བློ་བསང་གིས་སྒྲོལ་མ་ལགས་ཐེངས་མ་གཅིག་མཐོང་བ་ཙམ་གྱིས་རྦད་དེ་སེམས་པ་ཤོར་སོང་།
By merely reading two sentences of the poem, I understood it’s full meaning.;ངས་ཚུག་སྒྲུབ་གཉིས་ཀློག་པ་ཙམ་གྱིས་སྙན་ངག་གི་དོན་དག་ཚང་མ་ཧ་གོ་བྱུང་།
I never smoke.;ང་ཐ་མག་ཁྱོན་ནས་འཐེན་གྱི་མེད།
Since this book is not at all interesting, I don’t want to read it. (ཁྱོན་ནས་);དེབ་འདི་སྙན་པོ་ཁྱོན་ནས་མེད་ཙང་ལྟ་འདོད་མེད།
My friend is not at all reliable. (རྩ་བ་(ཉིད་)ནས་);ངའི་རོགས་པ་དེ་བློས་འཁེལ་པོ་རྩ་བ་(ཉིད་)ནས་མི་འདུག
Penpa-la does not ever drink chang. (གཏན་ནས་);སྤེན་པ་ལགས་ཆང་གཏན་ནས་འཐུང་གི་ཡོད་མ་རེད།
I don’t like dancing at all! (ཁྱོན་ནས་);ང་གཞས་ཞབས་བྲོ་འཁྲབ་ཡག་ལ་ཁྱོན་ནས་དགའ་པོ་མེད།
Some Tibetans don’t know English at all. (རྩ་བ་(ཉིད་)ནས་);བོད་པ་ཁ་ཤས་དབྱིན་སྐད་རྩ་བ་(ཉིད་)ནས་ཤེས་ཀྱི་ཡོད་མ་རེད།
Wow, how nice the holidays are!;ཨ་མ་མ། གུང་སེང་དེ་ཚོ་སྐྱིད་པ་ལ།
Whoa, what a kind person!;ཨ་མ་མ། མི་འདི་སེམས་པ་བཟང་ང་ལ།
What a nice shirt!;ཨོ། སྟོད་ཐུང་འདི་སྙིང་རྗེ་བ་ལ།
Wow, how expensive this thing is!;ཅ་ལག་འདི་གོང་ཆེ་བ་ལ། or ཅ་ལག་འདི་གང་འདྲས་གོང་ཆེན་པོ་འདུག
Please you all continue studying Tibetan as much as possible! (H);ཁྱེད་རང་ཚོ་ཚང་མ་མུ་མཐུན་ནས་བོད་སྐད་གང་ཐུབ་ཐུབ་སྦྱོང་རོགས་གནང་།