འཇམ་དཔལ་དབྱངས་ལ་བསྟོད་པ་གང་བློ་མ། (གང་གི་བློ་གྲོས་མ།)

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་འཇམ་དབྱངས་ཕྱག་འཚལ་ལོ།

Note

(Pema Tsal) adds these here:
གཞོན་ནུའི་སྐུ་ལུས་འཚང་བ་པོ།
ཡེ་ཤེས་སྒྲོན་མེ་རབ་ཕྱི་ཞིང་།
འཇིག་རྟེན་གསུམ་གྱི་མུན་སེལ་བ།
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ།
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།
གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི།
འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།
འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིས་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།
མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།
གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།
བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད།

ཨོཾ་ཨ་ར་པ་ཙ་ན་དྷི།

བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས།
བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།
བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།